首 页 > 警方提示

关于公开征集白格、多杰、扎西等涉恶犯罪团伙违法犯罪线索的通告

作者:    更新时间:2019-06-18 字体:   

为深入推进扫黑除恶专项斗争,依法、准确、有力惩处黑恶势力违法犯罪,经玉树州称多县公安局缜密侦查,于2019年5月11日成功破获了以白格为首的涉恶违法犯罪团伙案。目前,犯罪嫌疑人白格、多杰、扎西等人已被依法采取刑事强制措施。
经侦查,该团伙长期在称多县利用他人的婚外情等纠纷,肆意滋事、为非作恶、欺压百姓,涉嫌构成敲诈勒索、非法拘禁、寻衅滋事、故意伤害、扰乱单位秩序等多项违法犯罪,严重扰乱正常的社会秩序,严重影响人民群众的安全感,造成了恶劣的社会影响。
为深挖该犯罪团伙的违法犯罪事实,打击犯罪分子嚣张气焰,彻底铲除黑恶势力根基,净化社会环境,维护人民群众正当权益,现向全社会广泛征集:白格(称多县称文镇赛河人)、多杰(称多县扎朵镇人)、扎西(称多县扎朵镇人)等人的违法犯罪线索及其背后“保护伞”的相关线索。
希望广大人民群众,特别是相关受害人积极向公安机关提供该犯罪团伙违法犯罪线索、证据,及其背后“保护伞”的线索、证据。公安机关将严格按照《中华人民共和国刑事诉讼法》第六十四条及最高人民法院、最高人民检察院、公安部、司法部《关于办理黑恶势力犯罪案件若干问题的指导意见》第三十五条之规定。
对证人、报案人、控告人、举报人、鉴定人、被害人依法采取不公开真实姓名、住址、工作单位,不暴露外貌、真实声音、人身和住宅等专门性保护措施,并依据《青海省黑恶势力违法犯罪线索举报奖励办法》《玉树州黑恶势力违法犯罪线索奖励办法》对提供有价值线索的群众进行奖励。
凡包庇、袒护、纵容违法犯罪分子的,公安机关将依法追究法律责任,凡对举报人、证人实施威胁、报复的,将依法从严惩处。
同时敦促该团伙涉案的其他人员立即向公安机关投案自首,争取宽大处理。
 
举报电话 :09768861147
联系人:
尕警官18909763100
巴警官15597626888

                     称多县公安局
                     2019年6月13日

 
ཁྲི་འདུ་རྫོང་སྤྱི་བདེ་ཅུས་ཀྱིས་པད་དགོད་དང་རྡོ་རྗེ།བཀྲ་ཤིས་སོགས་ངན་ཉེས་དང་འབྲེལ་བའི་ཚོགས་ཁག་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བསྡུ་རུབ་སྐོར་གྱི་བརྡ་ཁྱབ།
                                                  
ནག་ངན་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་ཆེད་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་གནད་འཁེལ་དང་ནུས་ལྡན་གྱི་སྒོ་ནས་ཉེས་ཆད་གཅོད་རྒྱུ་དང་།ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་ནན་པོ་བྱས་པ་བརྒྱུད་2019ལོའི་ཟླ་5ཚེས་11ཉིན་པད་དགོད་དང་གཙོ་བྱས་པའི་ཁྲིམས་འགལ་ཉེས་གསོག་དང་འབྲེལ་བ་ཡོད་པའི་ཚོགས་ཁག་གྱོད་གཞི་གྲུབ་འབྲས་ཐོབ་པའི་ངང་རྩད་ཆོད་པ་ཡིན།མིག་སྔར་ཉེས་གསོག་དོགས་ཅན་པད་དགོད་དང་རྡོ་རྗེ།བཀྲ་ཤིས་སོགས་ལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་པ་ཡིན།

མྱུལ་ཞིབ་བྱས་པ་བརྒྱུད་ཚོགས་ཁག་འདི་དུས་ཡུན་རིང་པོའི་ནང་ཁྲི་འདུ་རྫོང་ནས་མི་གཞན་གྱི་གཉེན་སྒྲིག་ཕྱིའི་གནས་ཚུལ་སོགས་ཀྱི་རྩོད་གཞི་བེད་སྤྱད་དེ།རང་སྣང་གང་ཤར་གྱིས་ཟིང་ཆ་སློང་བ་དང་།བྱ་ངན་སྤྱོད་ངན་བྱེད་པ།མི་སེར་ལ་བརྙས་བཅོས་གཉའ་གནོན་བཅས་བསྙད་འདོགས་རྒྱུ་འཕྲོག་དང་།ཁྲིམས་དང་མི་མཐུན་པར་བཀག་སྐྱིལ་བྱེད་པ་བསྙད་རྐོ་ཟིང་སློང་།ཤེས་བཞིན་དུ་གནོད་འཚེ་གཏོང་བ།སྡེ་ཚན་གྱི་སྒྲིག་ལམ་དཀྲུག་པ་སོགས་ཁྲིམས་འགལ་གྱི་བྱས་ཉེས་མང་པོབསགས་ནས་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་ཚབས་ཆེན་དཀྲུག་པ་དང་།མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པའི་དོགས་གཞི་ཡོད།

ཉེས་གསོག་ཚོགས་ཁག་འདིའི་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་གཏིང་སྔོག་བྱེད་ཆེད་དང་ཉེས་ཅན་གྱི་རྫིག་ཉམས་ལ་རྡུང་རྡེག་གཏོང་བ་དང་།ནག་ཚོགས་སྟོབས་ཤུགས་ཀྱི་རྨང་གཞི་རྩ་མེད་མཐའ་གཅིག་ཏུ་གཏོང་བ་སྤྱི་ཚོགས་ཁོར་ཡུག་ལེགས་སུ་གཏོང་བ།མི་དམངས་མང་ཚོགས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཆེད་ད་ཆ་སྤྱི་ཚོགས་ཡོངས་ནས་རྒྱ་ཁྱབ་ངང་༼པད་དགོད་ཁྲི་འདུ་རྫོང་ཁྲི་དབང་གྲོང་བརྡལ་གསེར་ཁག་མི་དང་།རྡོ་རྗེ་ཁྲི་འདུ་རྫོང་རྫ་སྟོད་གྲོང་བརྡལ་མི།བཀྲ་ཤིས་ཁྲི་འདུ་རྫོང་རྫ་སྟོད་གྲོང་བརྡལ་མི༽་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་དང་དེའི་རྒྱབ་ཀྱི་འགེབས་སྲུང་བ་བཅས་ཀྱི་འབྲེལ་ཡོད་ཁུངས་སྣེ་བསྡུ་རུབ་བྱེད་རྒྱུ་ཡིན།

རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་འབྲེལ་ཡོད་གནོད་འཚེ་ཕོག་མཁན་གྱིས་སྤྱི་བདེ་ལས་ཁུངས་ལ་ཉེས་གསོག་ཚོགས་ཁག་འདིའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་དཔང་རྟགས་དང་དེ་བཞིན་དེའི་རྒྱབ་ཀྱི་འགེབས་སྲུང་གི་ཁུངས་སྣེ་དང་དཔང་རྟགས་མཁོ་འདོན་ཧུར་ཐག་བྱེད་རྒྱུའི་རེ་བ་ཡོད།སྤྱི་བདེ་ལས་ཁུངས་ཀྱིས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་བཅའ་ཁྲིམས༽་ཀྱི་དོན་ཚན་རེ་བཞི་པ་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་།སྤྱི་བདེ་པུའུ།ཁྲིམས་འཛིན་པུའུ་བཅས་ཀྱི་༼ནག་ངན་སྟོབས་ཤུགས་ཀྱི་བྱས་ཉེས་བསགས་པའི་གྱོད་གཞི་ཞིབ་གཅོད་བྱ་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་མཛུབ་སྟོན་བསམ་འཆར༽་གྱི་དོན་ཚན་སོ་ལྔ་པའི་གཏན་འབེབས་བྱས་དོན།  དཔང་མི་དང་།གྱོད་དོན་སྙན་སེང་ཞུ་མཁན།ཞུ་གཏུག་བྱེད་མཁན།ཐེར་འདོན་བྱེད་མཁན།གསལ་འབྱེད་པ།གནོད་འཚེ་འཕོག་མཁན་བཅས་ལ་ཁྲིམས་ལྟར་མིང་ངོ་མ་དང་།སྡོད་གནས།ལས་དོན་སྡེ་ཚན་བཅས་ཡོངས་བསྒྲགས་མི་བྱེད་པ་དང་།སྐད་སྒྲ་ངོ་མ།མི་ལུས་དང་སྡོད་ཁང་སོགས་ཆེད་དམིགས་རང་བཞིན་གྱི་སྲུང་སྐྱོབ་བྱ་ཐབས་མ་ཟད་༼མཚོ་སྔོན་ཞིང་ཆེན་གྱི་ནག་སྤྱོད་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་ཐེར་འདོན་དང་བྱ་དགའ་སྤྲོད་ཐབས༽༼ཡུས་ཧྲུའུ་ཁུལ་ནག་སྤྱོད་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་བྱ་དགའ་སྤྲོད་ཐབས༽ནང་རིན་ཐང་ལྡན་པའི་ཁུངས་སྣེ་མཁོ་འདོན་བྱེད་མཁན་མང་ཚོགས་ལ་བྱ་དགའ་སྤྲད་རྒྱུ་ཡོད།

ཁྲིམས་འགལ་ཉེས་གསོག་པར་འགེབས་སྲུང་དང་།ཕྱོགས་ཞེན་བྱེད་པ།རྒྱ་ཡན་དུ་གཏོང་བ་བཅས་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་།ཐེར་འདོན་བྱེད་མཁན་དང་དཔང་མིར་འཇིགས་སྐུལ་དང་འཁོན་ལན་སློག་མཁན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་ཡིན།

དེ་དང་ཆབས་ཅིག་ཚོགས་ཁག་འདིའི་གྱོད་འབྲེལ་མི་སྣ་གཞན་དག་གིས་འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་རང་ཉེས་ངོས་ལེན་ཞུས་ནསགུ་ཡངས་ཐག་གཅོད་གཏོང་བ་བརྩོན་ལེན་གྱིས།
 
ཐེར་འདོན་ཁ་པར་ཨང་གྲངས། ༠༩༧༦༨༨༦༡༡༤༧
འབྲེལ་གཏུག་མི། 
ཉེན་རྟོཊ་དཔོན་སྐལ།༡༨༩༠༩༧༦༣༡༠༠
ཉེན་རྟོཊ་དཔོན་དཔལ། ༡༥༥༩༧༦༢༦༨༨༨

 ཁྲི་འདུ་རྫོང་སྤྱི་བདེ་ཅུའུ་ནས་བསྒྲགས།
  ༢༠༡༩ལོའི་ཟླ་༦ཚེས༡༣ཉིན།